Poetry & Prayers

Life Is A Continuous Celebration

RTR July 16, 2019, at Bodhicharya Berlin. Photo by Harald.

I rest in the natural state of being.
Appearances of six senses flow unobstructed.
Peace and joy permeates without seeking.
Life is just a continuous celebration.

~ Ringu Tulku

Rinpoche shared this stanza during his teaching on the topic Facing Difficulties at Bodhicharya Berlin, where he was staying for the week of his 67th birthday celebrations. The verses had spontaneously arisen in his mind at 4 am on July the 20th, 2019.

The teaching can be listened to in the Teachings Archive.

Photo by Harald Schwericke.

 

Happy Losar

 

Wish you Tashi Delek on the auspicious occasion of the Tibetan New Year of Female Earth Pig year and pray that all the obstacles in your life will be cleared and you will play an important role in bringing joy and lasting peace and happiness to all the beings. May all your good wishes be fulfilled effortlessly.

Ringu Tulku
Kathmandu
5th Feb. 2019

Happy New Year 2018

Wish you and your loved ones a very Happy New Year for 2018.

May you feel love, kindness, purpose and inner peace.

May each day be a festival and each moment a time to enjoy.

May all of us do something each day that we will be proud of because it will be good for ourselves and others.

Ringu Tulku

༢༠༡༨ གསར་དུ་བཞད་པའི་ལོ་སར་ཉིན་སྐུ་ཉིད་སྐུ་འཁོར་དང་བཅས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་།
ཁྱེད་རྣམས་བྱམས་བརྩེ་་དང་ཕུགས་འདུན་ལྡན་པའི་སེམས་ཀྱི་ཞི་བདེ་དང་མི་འབྲལ་བར།
དུས་རྒྱུན་དུ་དགའ་སྟོན་དང་སྐད་ཅིག་རེ་བཞིན་བདེ་དགའི་ངང་དུས་འདའ་ཞིང་།
ཉིན་རེ་བཞིན་རང་གཞན་ལ་ཕན་པའི་བྱ་བ་རེ་བསྒྲུབ་ནས་རང་གིས་རང་ཉིད་ལ་བློ་ཁེངས་པ་ཞིག་འབྱུང་བར་ཤོག།
རི་མགུལ་སྤྲུལ་མིང་པས།

Happy New Year 2017

Circumambulating the freshly renovated Boudhanath stupa I observed thousands of people from all over the world walking around it peacefully with their prayers in heart. This world heritage pilgrimage place was not built by a powerful king, a wealthy sponsor or a teacher with many followers. It was built by a poor and ordinary village woman who worked at the kings chicken farm solely with her resolution, resourcefulness and resilience.

I would like to share with you the peace and tranquility of this stupa and wish that you will face 2017 with resolution, resourcefulness and resilience.

Wish you a Very Happy New Year.

RINGU TULKU
30.12.2016
Kathmandu

གསར་དུ་ཉམས་གསོ་བྱས་པའི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ་དལ་གྱིས་སྐོར་བ་བྱེད་སྐབས་འཛམ་གླིང་གི་ཕྱོགས་ཡོངས་ནས་ཡོང་བའི་སྐྱེ་བོ་སྟོང་ཕྲག་མང་པོ་ཞི་འཇམ་གྱིས་སྐོར་བཞིན་སྨོན་ལམ་བཟང་པོ་རྒྱབ་བཞིན་པ་མཐོང་། འཛམ་གླིང་གི་ཕ་ནོར་བྱིན་རླབས་ཅན་གྱི་གནས་ཆེན་འདི་ཉིད་ཐོག་མར་དབང་ཆེན་གྱི་རྒྱལ་པོ། རྒྱུ་ཆེན་གྱི་ཡོན་བདག འཁོར་མང་གི་བླ་མ་སོགས་ཀྱིས་བཞེངས་པ་མ་ཡིན་པར། བུད་མེད་དཀྱུས་མ་དབུལ་པོ་བྱ་རྫི་མ་ཞིག་གིས་རང་ཉིད་ཀྱི་སྙིང་སྟོབས་དང་ཐབས་ཤེས་བརྩོན་འགྲུས་ཁོ་ནས་བཞེངས་གྲུབ་པ་ཞིག་རེད།
2017 ལོ་སར་གྱི་ཉིན་མོ་འདིར་ཁྱེད་རྣམས་ལ་རང་བྱུང་མཆོད་རྟེན་ཆེན་པོ་འདིའི་བྱིན་རླབས་ཀྱི་གཟི་འོད་འཕྲོ་བས་ལུས་ལ་བདེ་ཐང་དང་སེམས་ལ་ཞི་བདེ་འབད་མེད་དུ་འབྱུང་བ་མ་ཟད། མ་བྱ་རྫི་མའི་སྙིང་སྟོབས་དང་བརྩོན་འགྲུས་ཐབས་ཤེས་ཀྱིས་ལོ་འདི་ལེགས་ཕྱོགས་སུ་བསྒྱུར་ཐུབ་པའི་སྨོན་འདུན་དྲག་པོ་དང་བཅས། 2017 གནམ་ལོ་གསར་དུ་བཞད་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན། རི་མགུལ་སྤྲུལ་མིང་ཀརྨ་ཚུལ་ཁྲིམས་འགྱུར་མེད་ཕྲིན་ལས་ནས་གུས་ཕུལ། །

Fire Monkey New Year Greetings

fire-monkey
On the Fire Monkey New Year
I wish you a heart felt Tashi Delek.
Next year this time may we meet again
With smiles on our face
And hearts full of joy.
May our teachers live long
May the goodness spread wide
May the world be filled with compassion
May the earth revive its vitality
May the beings live in peace.
May all these wishes come true
That I made with a pure heart.

With respect from Ringu Tulku

Remembering Chatral Rinpoche

chatral-rinpoche-in-mountains2

ཤར་ཀ་ཐོག་དགོན་དུ་གསན་བསམ་རྫོགས་པར་མཛད།།
མཁན་ངག་ཆུང་མདུན་ནས་གདམས་ངག་རྡོ་རུས་གཏུགས།།
གནས་འཆིམས་ཕུ་སོགས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས།།
མགོན་གྲུབ་པའི་དབང་ཕྱུག་སངས་རྒྱས་རྡོ་རྗེ་མཁྱེན།།
ཟས་ཤ་ཁྲག་སྤངས་ནས་སྲོག་བསླུ་གྲངས་མེད་མཛད།།
ལས་ཆོས་བརྒྱད་སྤངས་ནས་བྱ་བྲལ་བརྟུལ་ཞུགས་འཆང་།།
ཆོས་བཤའ་མ་དེ་གང་ཡིན་ཁྱེད་ཀྱིས་གསལ་པོར་བསྟན།།
ཁྱེད་རིག་འཛིན་རྒྱ་མཚོའི་དབུས་ན་ལམ་མེར་གསལ།།
བྱ་བྲལ་རིན་པོ་ཆེ་ཞི་བར་གཤེགས་པ་ཐོས་ཕྲལ་རི་མགུལ་སྤྲུལ་མིང་པས་དད་གདུང་གིས་རྗེས་དྲན་དུ་ཐལ་ལོ།།

You mastered all the studies at the Monastery of Kathok.
You grounded the Instructions into experience with Khenpo Ngakchung.
You accomplished those at Samye Chimphu and various retreats
The master of Sidhas, Sangye Dorje please take care of us.
You gave up eating meat and saved countless beings
You gave up eight worldly concerns and became a true Chatral.
You showed us what true dharma practice really is.
You shine bright amidst the oceans of Vidyadharas.

These words of devotion escaped me when I heard the sad news that Chatral Rinpoche had passed away in Nepal.

Ringu Tulku
Gangtok 5th. January 2016

Greetings for the New Year 2016

Kanchenjunga

Gazing at the golden peak of Kanchenjunga
In this glorious winter morning
I feel what a blessed life I am living
And what a wonderful world we have here.

May the New Year bring peace and joy
May there be no fear and hatred
May the earth be saved from degradation
May we find a way to live in harmony and kindness.

Ringu Tulku,
Gangtok, Sikkim

སྤྱི་ལོ་༢༠༡༦ དགའ་བས་བསུ།
ཉི་གཞོན་གྱིས་བསུས་པའི་སྔ་དྲོའི་ཆར། གྭངས་ཆེན་མཛོད་ལྔའི་གསེར་མདོག་གི་རི་རྩེ་ལ་བལྟས་པས། ངའི་མི་ཚེ་འདི་ཅི་འདྲའི་བདེ་སྐྱིད་ལྡན་པ་དང་། འཇིག་རྟེན་འདི་ཅི་འདྲའི་མཛེས་སྡུག་ལྡན་པའི་སེམས་ཚོར་ཞིག་སྐྱེས། ལོ་གསར་པ་འདི་ཞི་བདེ་དང་བདེ་སྐྱིད་ཀྱིས་ཕྱུག་ཅིང་། འཇིགས་ཞུམ་དང་ཁོང་ཁྲོ་མེད་པར། གོ་ལ་འདི་ཉམས་ཉེས་ལས་བསྐྱབས་ནས། མཛའ་མཐུན་དང་བརྩེ་སེམས་ཀྱིས་གནས་པའི་སྨོན་ལམ་ཞུ།། རི་མགུལ་སྤྲུལ་སྐུས་སྒང་ཏོག་ནས་ཕུལ།